༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2012/04/19

སྤྲུལ་སྐུའི་གཏམ་གང་དྲན་གཡོས་བླུགས་མ།

ངོ་མ་བཤད་ན་ཁོ་བོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལ་༧སྐྱབས་རྗེ་ཟེར་བའི་མ་ཚད་  His Holiness  ཞེས་བོད་ཀྱང་མ་འོས་པ་གང་ཡང་ཡོད་་པ་མ་རེད།  གང་ཡིན་ཟེར་ན་ཆུང་དུས་བོད་ནས་རང་དགོན་གྱིས་ངོས་འཛིན་བྱས་པ་གཅིག་པུ་ཙམ་མིན་པར།  དུས་ཕྱིས་སུ་ཡང་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ངོས་འཛིན་འཕར་མ་གནང་ནས་ཕྱག་ཡིག་ཕྱག་བྲིས་མ་དངོས་སུ་ཕེབས་ཡོད།   ཁྲི་སྟོན་གྱི་བཀའ་དྲིན་གནང་མཁན་དེ་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་རེད།   ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་ནི་སྐབས་དེ་དུས་སྔ་འགྱུར་རྙིང་མའི་དབུ་འཛིན་ལས་ཐོག་པ་རེད།   དེས་ན་ཁོ་བོ་སྔ་ཕྱིའི་འཛམ་གླིང་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་དབུ་འཛིན་གཉིས་ཀྱི་བར་ནས་སྤྲུལ་སྐུའི་ཐོབ་ཐང་འདི་བྱུང་བ་ཡིན་པས།    

གལ་ཏེ་ཉི་མ་གཅིག་ལ་བོད་རྒྱལ་ཁབ་གཅིག་གི་སྟེང་དུ་སྤྲུལ་སྐུ་བཅུ་བཅོ་ལྔ་ཞིག་ལས་ཡོད་མི་ཆོག་པའི་ཁྲིམས་ཤིག་བཟོས་ཡོང་ཀྱང་ངའི་སྤྲུལ་སྐུའི་མིང་འདི་བཅུ་བཅོ་ལྔ་དེའི་ནང་དུ་གནས་ཀྱི་རེད་མ་གཏོགས།   མིང་ཤོར་མཁན་དེ་ཚོའི་གྲལ་དུ་ལུས་ཀྱི་མ་རེད།   ཇི་སྲིད་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་།   ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་རྣམས་གཉིས་ལ་བླ་མ་ཚད་ལྡན་གྱི་མཚན་མཐོང་གནས་པ་དེ་སྲིད་ང་ཡང་ཁྲིམས་མཐུན་ལུགས་མཐུན་གྱི་སྤྲུལ་སྐུ་རེད།    ངོས་འཛིན་བྱས་པའི་སྐྱེ་བ་སྔོན་མ་དེ་འཕགས་པའི་དགེ་བསྙེན་དྷརྨཱ་ཏ་ཡིན་པ་དང་།   དྷརྨཱ་ཏ་ནི་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཀྱིས་བསྟོད་ཕྱག་མཛད་ས་དང་།   དེང་སང་ས་དགེ་བཀའ་རྙིང་ཡོངས་ཀྱིས་ཕྱག་མཆོད་འབུལ་ས་དེ་ཡིན་པ་ལས་གྲོང་བླ་དང་གཏོ་བླ་ཆུང་ཆུང་དེ་འདྲ་མ་རེད།  དེས་ན་ཁོ་བོ་ལ་༧སྐྱབས་རྗེ་དང་། His Holiness, དང་།  His Eminence   ཞེས་ག་འདྲ་བོས་ཀྱང་མ་འོས་པ་དང་ཐལ་ཆེ་རྒྱུ་གང་ཡང་ཡོད་པ་མ་རེད།  ཡིན་ན་ཡང་ཁོ་བོ་རང་གི་ངོས་ནས་དེང་སང་སྤྲུལ་སྐུ་མང་དྲགས་པ་དང་།   སྤྲུལ་སྐུ་མང་པོ་ཞིག་ལ་སྒོར་མོ་ཙམ་མ་གཏོགས་ལུང་རྟོགས་ཀྱི་ཡོན་ཏན་ཆེན་པོ་མེད་པའི་ཁར་ཞབས་འདྲེན་གང་མང་ཞིག་ཀྱང་ཞུ་བཞིན་འདུག་པས་སྤྲུལ་སྐུའི་མིང་འདི་བེད་སྤྱོད་བྱ་རྒྱུ་ལ་སེམས་གཏིང་ནས་ཞེན་པ་ལོག་སོང་།   དེ་བས་ལོ་ཤས་ཀྱི་སྔོན་ནས་བཟུང་རང་གི་ཐོས་བསམ་གྱི་ཚད་ལ་དཔགས་པའི་སློབ་དཔོན་གྱི་མིང་ཙམ་བེད་སྤྱོད་གཏོང་གི་ཡོད།   སྤྱི་རྒྱལ་གྱི་མི་ཡིན་ཡང་འབུམ་རམས་པ་ལ་  Dr ཟེར་བའི་མིང་འདི་བྱེད་སྤྱོད་བྱེད་པ་ལུགས་མཐུན་རེད།   དེར་མ་ཟད་མི་ཆེན་གྱི་བཟོ་ལྟ་སྟོན་རྒྱུ་ལ་དགའ་པོ་མེད་སྟབས་དཀྱུས་མའི་འཚོ་བ་དང་དཀྱུས་མའི་ཀུན་སྤྱོད།    ཐ་ན་དྲ་གྲོགས་དཀྱུས་མ་ཚོ་དང་མཉམ་དུ་བརྩེ་དུང་འདྲ་གླེང་།    ཁ་རྩོད་འདྲ་བརྒྱབ་ནས་རེ་དོགས་མེད་པར་སྡོད་ཀྱི་ཡོད།    འོན་ཀྱང་རྒྱ་གར་དང་།  བོད།   ཡུ་རོབ་སོགས་སུ་ཡོད་པའི་གྲོགས་མཆེད་དང་།  སློབ་མ་དུ་མ་ཞིག་གིས་དུང་ཞེན་གྱི་ཐོག    ང་ལ་སློབ་སྦྱོང་ཕྲན་བུ་ཡོད་པར་མཐོང་ཆེན་བྱས་ནས་ཁོ་བོའི་མིང་གི་མགོར་༧སྐྱབས་རྗེ་དང་།   His Holiness, དང་།  His Eminence  སོགས་བདེ་སྤྱོད་གནང་ཡོང་གི་འདུག་ལ།  ཁོང་རྣམས་པར་ང་དེ་ལ་དགའ་བོ་མེད་ཅེས་ཞུས་ཀྱང་ད་དུང་ཆེ་མཐོང་གནང་ནས་མཚམས་འཇོག་གི་མི་འདུག   མངའ་སྡེ་གཞན་ན་ཡོད་པའི་ཆོས་ཚོགས་ཤིག་གི་ཆོས་ཁྲིད་ཁྱབ་བསྒྲགས་ཀྱི་ཐོག་ཏུ་ His Holiness ཞེས་ཐེངས་གཉིས་ལ་བྲིས་འདུག་པས་ཁ་པར་བཏང་ནས་བཅོས་སུ་བཅུག་པ་ཡིན།   འོན་ཀྱང་རྗེས་སུ་མི་གཞན་གྱིས་༧སྐྱབས་རྗེ་དང་།   His Holiness, དང་།  His Eminence  ཡང་ན་བླ་རྫུན་སྤྲུལ་རྫུན་སོགས་ཇི་ལྟར་བརྗོད་བསམ་ཀྱང་ཁོང་རྣམས་ལ་གང་འདོད་ལྟར་གནང་དུ་འཇུག་རྒྱུ་ཡིན་པས།  དྲ་གྲོགས་འཛམ་གླིང་དགེ་རྐོས་ཨོ་རྒྱན་ཉི་མ་སོགས་ཀྱིས་བཀའ་བཀྱོན་དང་དགོངས་ཚོམས་མེད་པར་ཞུ་བ་ཡིན།   ཧ་ཧ་ཧ་ཧ།  ཧོ་ཧོ་ཧོ་ཧོ།

1 མཆན་བུ་འདེབ་ན་འདིར་ནོན།:

༄༅།། ཨེ་མ་ཧོའི་རིག་མཛོད་། said...

ཨ་བུ་རིན་པོ་ཆེ། དེ་འདྲའི་གཡོས་ཞིམ་པོ་གཡོས་འདུག ད་སྔོན་ཟ་མ་མྱོང་། ཞིམ་པ་ལ། ཧ ཧ གཞན་མིག་སེར་གྱི་གཡོས་སྦོམ་ཚོ་ལ་འདི་རིགས་འོག་ལ་འཐར་བ་ལས་ཟ་རྒྱུ་དངོས་སུ་མེད་པ་འདྲ་བས་ཤ་ཚ། དངོས་ནས་དོན་མཐུན་དག་སྣང་ལས་བརྡ་དོན་རྟགས་སུ་སྣང་བའི་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་པ་འདི་ལ་ཕྱི་ནང་གསང་གསུམ་གྱི་གོ་རྒྱུ་དང་ལུང་བསྟན་ཧ་ལས་པ་འདུག རྩ་རྒྱུད་ཀྱི་དགོངས་དོན་དང་འབྲེལ། བདག་ལ་དུས་ཁོམས་བྱུང་ན་ཕྱི་ནང་གསང་བ་ཡང་གསང་གི་སྐོར་དང་སྦྱར་ནས་གཅིག་འབྲི་ཨེ་ཤེས་ལྟ་ངེས་སོ། དོན་གྱི་མཆོག་ཉིད་ནི་སྐྱབས་རྗེ་ཡང་ཡིན་ལ་ཆོས་རྗེ་ས་པན་འདྲ་བའི་རྣམ་དཔྱོད་ལྡན་ན་རྒྱ་ཧོར་དཔལ་འབྱོར་ཅན་ཚོས་མིང་རེ་བཏགས་མ་བརྟགས་ལ་ཁྱད་པར་མི་འདུག དོན་གྱི་མཁས་གྲུབ་དམ་པ་ཞིག་ཏུ་གྲུབ་ཚར་བ་རེད། སྤྲུལ་སྐུའི་དབང་དུ་བྱས་ཀྱང་། གནས་བརྟན་ཆེན་པོ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མདུན་ན་ཆེན་པོ། རྒྱལ་དབང་མཆོག་གིས་ཀྱང་བསྔགས་པ་ཞིག་རེད་བཞག བདག་གིས་ཀྱང་། ཨེ་མ་ཧོཿ བདེ་བ་ཅན་དུ་དགེ་བསྙེན་དྷརྨྰ་ཏ། །གངས་རིའི་ལྗོངས་སུ་ཐོན་མི་སཾ་བྷོ་ཏྲ། །ཞེས་པའི་ཚིགས་བཅད་དག་ཀྱང་འབད་རྩོལ་གང་ཡང་མི་དགོས་པར་རིག་ཀློང་ལས་ཤར་བ་ཤར་ཏག་ཡིན་པས་ཡིད་ཆེས་ཡོད་པ་ཀུན་གྱིས་དེ་ལུགས་གནང་བར་འཚལ་ལོ། །ཤྲྰིས་སོ། །